获取下载链接
歌词

འབྲོག་གི་གཡང་།

ཚིག བོད་ཐིག

དབྱངས། རིག་འཛིན་ཐར།

གཞས་པ། ཤེར་བསྟན།

ཇུས་འགོད། ཧོར་བྲག་སྲས།

རི་ཁ་རི་ཁ་སྟོད་འབྲོང་གི་ས།།

འབྲོང་བྲེ་ལོ་རྫ་རིའི་སྲུང་མ་ཡིན།།

ཡབ་མེས་པོའི་གཡུང་ལ་ཕབ་ཉིན་ནས།།

འབྲོག་རུ་སྡེ་འཚོ་བའི་གཡང་ནོར་ཡིན།།

ཡ་རེ་ལོ་་་།། འབྲོག་གི་གཡང་།།

གཡང་ད་རུང་མ་ཉམས་རྫ་ན་ཡོད།།

རྫ་ཁས་ཆེན་ཁས་ཆུང་ཁེབ་ནས་ཡོད།།

རྫ་ཁས་ཆེན་ཁས་ཆུང་ཁེབ་ནས་ཡོད།།

ན་སྤང་ལྗོངས་ཡག་གི་ནང་འཛིན་ལ།།

གཡང་སྟོང་ལུག་སྐར་ཚོགས་རང་ཤར་ཡོད།།

ཕ་དམ་པས་བཞག་གི་གཡང་ལུག་ཡིན།།

བུ་ཚ་བོའི་རང་གི་འཚོ་རྟེན་ཡིན།།

ཡ་རེ་ལོ་་་།། འབྲོག་གི་གཡང་།།

གཡང་མཚོ་མོ་མི་ནུབ་རྒྱས་ནས་ཡོད།།

མཚོ་སྔོན་མོ་སྡེ་ལ་རང་འཁྱིལ་ཡིན།།

མཚོ་སྔོན་མོ་སྡེ་ལ་རང་འཁྱིལ་ཡིན།།

རྟ་འདོ་བ་ཁ་དཀར་རྐྱང་གི་སྡེ།།

རྐྱང་ཁ་དཀར་ལྷ་རྟ་རྐྱང་ངུའི་རྒྱུད།།

བོད་བཙན་པོའི་རང་གི་ཆིབས་པ་རེད།།

སྟག་ཤ་རའི་དཔུང་གི་རླུང་རྟ་ཡིན།།

ཡ་རེ་ལོ་་་།། འབྲོག་གི་གཡང་།།

ལས་སྐྱིད་སྡུག་གཉིས་ཀྱི་བཤུབ་རོགས་ལ།།

རྟ་འདོ་བ་གཡང་གི་ཁ་འཛིན་ཡོད།།

རྟ་འདོ་བ་གཡང་གི་ཁ་འཛིན་ཡོད།།