获取下载链接
歌词

作曲 : 南木卡

ཉམས་རྒུད་ཁྲོད་ཀྱི་དུང་བ།

ཚིག སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།

དབྱངས། ནམ་མཁའ།

ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

རོལ་མོ་སྒྲིག་བཟོ། ཤེར་བྷ།

མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།

སྒྲ་ལེན་པ། ཤེར་བྷ།

སྒྲ་ཞིབ་སྦྱོར། ཕཱིན་ཙི།

རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།

ཡིག་སྒྱུར་པ། ཟླ་ཚང་དཀར་མོ་སྐྱིད།

ང་རང་གངས་ཀྱི་བུ་ཡིན།།

གངས་ལ་སྨོན་དོན་མི་འདུག།

གངས་དེ་ཞུ་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།

འོ་ཡེ། ཁོ་རེ་མོ་རེ་ཁོ་རེས་ཉོན།

གངས་དེ་ཞུ་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།

ང་རང་མཚོ་ཡི་བུ་ཡིན།།

མཚོ་ལ་སྨོན་དོན་མི་འདུག།

མཚོ་དེ་སྐམ་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།

འོ་ཡེ། ཁོ་རེ་མོ་རེ་ཁོ་རེས་ཉོན།

མཚོ་དེ་སྐམ་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།

ང་རང་བོད་ཀྱི་བུ་ཡིན།།

བོད་ལ་སྨོན་དོན་མི་འདུག།

བོད་སྐད་འགྱུར་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།

འོ་ཡེ། ཁོ་རེ་མོ་རེ་ཁོ་རེས་ཉོན།

བོད་སྐད་འགྱུར་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།

འོ་ཡེ། ཁོ་རེ་མོ་རེ་ཁོ་རེས་ཉོན།

བོད་སྐད་འགྱུར་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།

བོད་སྐད་འགྱུར་ཚུལ་བསམ་ནས།།

སྨོན་པ་ལས་ཀྱང་དུང་སོང་།།