作词 : 外懂
作曲 : 百去杰
སེམས་བསམ་པའི་ཁ་ཆད།
約定
གཞས་ཚུགབེ་དུང་།
作词:外懂
གཞས་གདངས།འབེ་མཆོག་སྐྱབས།
作曲:百去杰
གཞས་པ།འབེ་མཆོག་སྐྱབས།
原唱:百去杰
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
ས་རུ་སྐོར་རུ་ལམ་མི་གཅིག་རུང་།།
ལམ་གང་ནས་འཕྲད་འདུག་ཆ་མེད་རེད།།
སེམས་འདི་ལྟར་འདྲེས་པ་རྒྱུས་མེད་རེད།།
ལས་ཡོད་མེད་སུས་ཀྱང་བཤད་དཀའ་གི །།
གླེང་མི་ཁ་འཁོར་དང་མ་འཁོར་མེད།།
ཞེ་སྣང་བའི་དར་སྐུད་ཆོད་ལེ་མིན།།
གནས་སྐྱེ་ས་སྐྱེ་ཡུལ་མི་གཅིག་རུང་།།
ལས་ཁ་ཡིག་ཟེར་ན་ཆ་མེད་རེད།།
འདང་འདི་ལྟར་ཆགས་ནོ་མ་ཚོར་ཐལ།།
ལས་ཡོད་མེད་སུས་ཀྱང་ཤེས་དཀའ་གི།།
ལོ་ཆེ་ཆུང་ཤོར་དང་མ་ཤོར་མེད།།
སེམས་བསམ་པའི་ཁ་ཆད་འགྱུར་ལེ་མིན།།
སྡེ་སྟོད་སྨད་སྡེ་ལུང་མི་གཅིག་རུང་།།
ཚེ་བསྐལ་བའི་ལས་དབང་ཆ་མེད་རེད།།
ཞེ་འདི་ལྟར་མཐུན་པ་མ་ཤེས་ཐལ།།
ལས་ཡོད་མེད་སུས་ཀྱང་རྟོགས་དཀའ་གི། །
ས་ཁ་ཐག་རིང་དང་མ་རིང་མེད།།
ཁྲེལ་ཕྱི་ཐག་བར་ནས་བསྒུག་ལེ་ཡིན།།