获取下载链接
歌词

作词 : 白日然珠

作曲 : 白日然珠

编曲 : 曲杰

ཉལ་མ་འདུག

ཚིག བེ་རི་རང་གྲོལ།

དབྱངས། བེ་རི་རང་གྲོལ།

གླུ་པ། བེ་རི་རང་གྲོལ།

ཉལ་མ་འདུག

མ་འདུག

ཉལ་མ་འདུག

ཅི་ཙམ་ཉལ་ན་དེ་ཙམ་གཉིད་ཡུར་བ་འཇིག་རྟེན་གྱི་ཆོས་ཉིད་རེད།

ཡར་ལངས་ཤོག

ལངས་ཤོག

ཡར་ལངས་ཤོག

རིག་པ་བརྡར་ནས་དུས་རབས་ཀྱི་རྗེས་འདེད་བྱོས་མ་གཏོགས་དུས་ཚོད་ཀྱིས་ང་ཚོ་སྒུག་གིན་མི་འདུག

ལག་པ་ཡར་ལ་བཀྱགས་ནས་ལ་གླུ་སྙན་མོ་ཞིག་ཀྱང་ལོངས་ཤོག

ལ་གླུའི་འགྱུར་ཁུག་ནང་དུ་ཨ་ཕ་ཡི་རྣམ་ཤེས་ཡོད་རེད།

རྐང་པ་ཡར་ལ་བཀྱགས་ནས་ཞབས་བྲོ་བདེ་མོ་ཞིག་ཀྱང་འཁྲོབས་ཤོག

ཞབས་བྲོའི་སྟངས་སྟབས་ནང་དུ་གནའ་རབས་ཀྱི་རྗེས་ཤུལ་ཡོད་རེད།

འཁྲབ་ཤོག

མཛའ་མཐུན་གསེར་གྱི་ཨ་ལོང་ནང་དུ་སྐོར་བ་གཡས་སྐོར་གཡས་ལ་བསྐོར་ནས་མེས་པོའི་ཞལ་ཆེམས་ངག་ལ་དྲངས་ཡོད།

མཛའ་ཐག་དངུལ་སྐུད་སུམ་སྒྲིལ་ནང་དུ་རྡོག་བྲོ་ཨ་འགྲིག་ཆ་འགྲིག་བརྒྱབས་ནས་དམངས་ཀྱི་བྲོ་གར་རྒྱན་དུ་བྱས་ཡོད།

མཛའ་མཐུན་གསེར་གྱི་ཨ་ལོང་ནང་དུ་སྐོར་བ་གཡས་སྐོར་གཡས་ལ་བསྐོར་ནས་བཀྲ་ཤིས་གླུ་སྐད་ངག་ལ་དྲངས་ཡོད།

མཛའ་ཐག་དངུལ་སྐུད་སུམ་སྒྲིལ་ནང་དུ་རྡོག་བྲོ་ཨ་འགྲིག་ཆ་འགྲིག་བརྒྱབས་ནས་བདེ་ལེགས་བྲོ་གར་རྒྱན་དུ་བྱས་ཡོད།

བདེ་ལེགས་བྲོ་གར་རྒྱན་དུ་བྱས་ཡོད།