获取下载链接
歌词

作词 : 德白

作曲 : 德白

ཁམས་པའི་བུ་མོ།།

ཚིག བདུད་བྷེ།།

དབྱངས། བདུད་བྷེ།།

མངའ་རིས་སྒྲ་སྙན། ཨ་ཁྲོ་འཆི་མེད།།

མན་རྡུང་ལེན། ཨ་ཁྲོ་འཆི་མེད།།

རྒྱུད་དྲུག མགོན་པོ།།

དབྱངས་སྦྱོར་རྩོམ། ཨ་ཁྲོ་འཆི་མེད་རོལ་དབྱངས་སྒྲིག་བཟོ་ལྟེ་གནས།།

སྒྲ་ལེན། ཨ་ཁྲོ་འཆི་མེད་རོལ་དབྱངས་སྒྲིག་བཟོ་ལྟེ་གནས།།

སྒྲ་བསྲེས། ཨ་ཁྲོ་འཆི་མེད་རོལ་དབྱངས་སྒྲིག་བཟོ་ལྟེ་གནས།།

ལ་འགོའི་སྨུག་པའི་གསེབ་ལ་ནས།།

གླིང་བུའི་དབྱངས་སྙན་གྲགས་བྱུང་།།

ལ་འགོའི་སྨུག་པའི་གསེབ་ལ་ནས།།

གླིང་བུའི་དབྱངས་སྙན་གྲགས་བྱུང་།།

གླིང་བུའི་དབྱངས་སྙན་མ་རེད།།

ཁམས་པའི་བུ་མོ་རེད་ལོ།

སོ་་་་་

ཁམས་པ་ལ་བུ་མོའི་བཏང་བ་ལ་སྙན་པའི་གླུ་དབྱངས་རེད་ལོ།

དབྱར་ཤིང་ལོ་མའི་རྩེ་ལ་ནས།།

སྟག་མར་མེ་ཏོག་འཁྲུངས་སོང་།།

དབྱར་ཤིང་ལོ་མའི་རྩེ་ལ་ནས།།

སྟག་མར་མེ་ཏོག་འཁྲུངས་སོང་།།

སྟག་མའི་མེ་ཏོག་མ་རེད།།

ཁམས་པའི་བུ་མོ་རེད་ལོ།།

སོ་་་་་

ཁམས་པ་ལ་བུ་མོའི་མགོ་ལ་གཡུ་ཡི་རྒྱན་ཆ་རེད་ལོ།

དྭངས་གཙང་རྫིང་བུའི་ནང་ལ་ནས།།

ཟླ་བའི་གཟུགས་བརྙན་ཤར་བྱུང་།།

དྭངས་གཙང་རྫིང་བུའི་ནང་ལ་ནས།།

ཟླ་བའི་གཟུགས་བརྙན་ཤར་བྱུང་།།

ཟླ་བའི་གཟུགས་བརྙན་མ་རེད།།

ཁམས་པའི་བུ་མོ་རེད་ལོ།།

སོ་་་་་་་

ཁམས་པ་ལ་བུ་མོའི་མཛེས་ཤིང་ལ་བཞད་པའི་བཞིན་རས་རེད་ལོ།