获取下载链接
歌词

作词 : 嘎代才让

作曲 : 桑塞穆

男:

དམར་པོ་མེ་ཡི་བྱིན་རླབས་ནས་བཙོས་ཏེ།

ངའི་ས་འཛིན་གྱི་སྒལ་ཚིགས་ནས་འཁྲུངས་སོང་།

女:

བྱམས་སེམས་ཀྱི་དད་འདུན་ཉར་ནས།

སྲིད་པའི་རྩེ་ན་མེ་ལྕེ་བཞིན་མཆེད།

男:

མཐིང་སྨུག་སྦྲ་ཆུང་། མཐིང་སྨུག་སྦྲ་ཆུང་།

合:

ངའི་མཐོང་ལམ་གྱི་བརྩེ་བའི་འོད་ཁྱིམ་དྲོན་མོ།

དབྱངས་གསལ་གྱིས་བསྐྱངས་པའི་རྡོ་རྗེ་ཕ་ལམ།

སུ་དང་གང་གི་སྐྱབས་སའི་ཡུལ།

ཨོ་་་་་་ཨོ་་་་་་ཨོ་་་་་་ཨོ།

男:

ངའི་མེས་པོ་ཡི་བློ་ཁོག ངའི་གླུ་སྐད་ཀྱི་ནང་སྙིང་།

合:

བཙན་པོ་ཡི་སྦྲ་ཁྱིམ།

女:

གཙང་མོ་ཆུ་ཡི་ཞུན་མ་ནས་བཙགས་ཏེ།

ངའི་དུས་བཞི་ཡི་ལྟེབས་གཉེར་ཁྲོད་རྒས་སོང་།

男:

ཆོལ་གསུམ་གྱི་སེམས་ཤུགས་རུམ་ནས།

སྲིད་པའི་རྩེ་ན་གཙང་ཆུ་བཞིན་དུ་རྒྱས།

合:

མཐིང་སྨུག་སྦྲ་ཆུང་། མཐིང་སྨུག་སྦྲ་ཆུང་།

ངའི་ཇག་ལམ་གྱི་གསང་བའི་རྨི་ལམ་ཞིམ་པོ།

མར་རྩམ་གྱིས་གསོས་པའི་དཔའ་བོའི་ང་རོ།

སུ་དང་གང་གི་རེ་སའི་གྲོགས།

ཨོ་་་་་་ཨོ་་་་་་ཨོ་་་་་་ཨོ།

男:

ངའི་མེས་པོ་ཡི་རིགས་ཞེན། ངའི་གླུ་སྐད་ཀྱི་ནང་སྙིང་།

合:

བཙན་པོ་ཡི་སྦྲ་ཁྱིམ།

ཨོ་་་་་་ཨོ་་་་་་ཨོ་་་་་་ཨོ།

男:

ངའི་མེས་པོ་ཡི་རིགས་ཞེན། ངའི་གླུ་སྐད་ཀྱི་ནང་སྙིང་།

合:

བཙན་པོ་ཡི་སྦྲ་ཁྱིམ།